རྗེ་བཙུན་མི་ལ་རས་པ _H.E.Nubpa Rinpoche in Singapore
རྗེ་བཙུན་མི་ལ་རས་པ། (1040 - 1123), ནི་ཡོངས་གྲགས་སུ་སྙན་ངག་མཁས་ཅན་དང་རྣལ་འབྱོར་བ་ཞིག་ཡིན། དྭགས་པོ་བཀའ་བརྒྱུད་པའི་བླ་མ་སྙན་གྲགས་ཅན་ཞིག་ཡིན་པར་མ་ཟད། མར་པ་ལོ་ཙཱ་བ་ཆོས་ཀྱི་བློ་གྲོས་ཀྱི་ཐུགས་སྲས་ཤིག་རེད། ཁོང་གིས་མགུར་མ་སྙན་པོ་མང་པོ་བཞེངས་ཡོད། ཐུགས་སྲས་གཙོ་བོ་ལ་ནི་དྭགས་པོ་ལྷ་རྗེ་དང་རྗེ་རས་ཆུང་པ་གཉིས་ཡོད་རེད།
--------
རྗེ་བཙུན་གྲུབ་ཐོབ་ཀུན་གྱི་རྒྱལ་པོའམ་རྣལ་འབྱོར་གྱི་དབང་ཕྱུག་མི་ལ་རས་པ་སྐུ་འཁྲུངས་པའི་ཡུལ་ནི་མང་ཡུལ་གུང་ཐང་གི་སྐྱ་རྔ་རྩའི་ཀོ་རོན་བྱ་བར་རིགས་ཁྱུང་པོ། ཡབ་མི་ལ་ཤེས་རབ་རྒྱལ་མཚན་དང་ཡུམ་མྱང་བཟའ་དཀར་རྒྱན་གཉིས་ཀྱི་སྲས་སུ་ལྕགས་ཕོ་འབྲུག་གི་ལོ་ལ་ཡ་མཚན་གྱི་ལྟས་བཅས་སྐུ་བལྟམས། དེ་ནས་ལོ་གསུམ་ནས་སྲིང་མོ་པེ་ཏ་མགོན་སྐྱིད་བྱ་བ་སྐྱེས། རྗེ་བཙུན་ལ་མཚན་ཐོས་པ་དགའ་གསོལ། མི་ལ་ཞེས་པ་ནི་ཡབ་མེས་ཀྱི་རིགས་ལ་མི་ལ་ཙ་ཊ་བྱ་བའི་གདོན་བཏུལ་བའི་མིང་རུས་ལ་ཆགས་པ་སྐད། རྗེ་བཙུན་དགུང་ལོ་བདུན་ནས་ཡབ་འདས་པ་ལ། ཨ་ཁུ་གཡུང་རྒྱལ་དང༌། ཨ་ནེ་དཔལ་འདྲེན་སོགས་ཕ་ཚན་ཆེ་བར་ཡོད་པས། རྒྱུ་ནོར་རྣམས་ངེད་ཚོས་ཉར་ཚགས་བྱེད། ཁྱེད་མ་བུ་གསུམ་སྡུག་པོ་མི་གཏོང་ཟེར་ནས་ཁོང་ཚོས་བདག་བྱས། དེ་ནས་བུ་ཐོས་པ་དགའ་ཅུང་ཟད་ནར་སོན་པ་དང༌། ཡུམ་གྱིས་ཕ་མེས་ཉེ་དུ་གྲོང་པ་རྣམས་བསྡུས་ནས་སྟོན་མོ་བྱས་ཏེ། ངའི་བུ་དང་མཛེས་སེ་ཆུང་གཉེན་བསྒྲིགས་ཡོད་ཅིང་ད་ཁྱིམ་སོ་ཟིན་ཙམ་ཡོད་པས། རྒྱུ་ནོར་ཚང་མའམ་མིན་ཀྱང་བུ་ཁོ་རང་གི་ནོར་སྐལ་ཙམ་ཞིག་སྙིང་རྗེས་ལྟོས་ལ་བྱིན་བྱས་པས། དེ་སྔོན་གསོས་པ་དྲ་མ་ཡིན། རྒྱུ་གཡར་རྩིས་སྤྲད་པ་ཡིན་པས་གཏད་རྒྱུ་མེད། ཁྱོད་མ་སྨད་ཀྱིས་མང་བའི་དམག་དང་ཉུང་བའི་མཐུ་ཅི་དགའ་གྱིས་ཟེར་ནས་འཇིགས་ཉམས་མེར་སོང༌།